Channel Avatar

Ladakhi Buddhist Teaching LBT @UCMyrIIcmMB03exg3XGjx9cg@youtube.com

0 subscribers - no pronouns :c

my this channel is only for benefit other through teaching,


Welcoem to posts!!

in the future - u will be able to do some more stuff here,,,!! like pat catgirl- i mean um yeah... for now u can only see others's posts :c

Ladakhi Buddhist Teaching LBT
Posted 2 years ago

གསལ་བསྒྲགས།

35 - 0

Ladakhi Buddhist Teaching LBT
Posted 2 years ago

ཕྱི་རྒྱལ་མ་ཞིག་གིས་བླ་མ་སྟག་ཚང་རས་པའི་རྣམ་ཐར་གླེང་བ།

11 - 0

Ladakhi Buddhist Teaching LBT
Posted 2 years ago

ངན་པ་དགུ་འཛོམས་སྐབས་དགེ་ལས་བྱེད་ན་ཕན་ཐོག་མེད་ཅེས་ཟེར་ནས་ནང་དུ་ཆང་རང་ཐུང་རྒྱན་བཞག་ནས་ཤོ་བག་སོགས་བརྩེད་ནས་ངན་ལས་ལ་རོལ་སྲོལ་ཞིག་འདུག་ཀྱང་། ང་ནི་དེ་ལ་ཡིད་ཆེས་མེད། གང་ཡིན་ཞུས་ན། ལས་འབྲས་བསླུ་མེད་གསུང་པས། དགེ་ལས་བྱེད་ན་ཡང་ཕན་ཡོན་ཡོད་སྙམས། འོན་ཀྱང་ཁྱེད་རྣམ་པར་ཕན་ཐོག་མེད་པའི་རྒྱུ་མཚན་ཡོད་ན། མཆན་བྲིས་ནས་དགག་པ་རྒྱག་རོགས་གནང་། དགའ་བསུ་ཡོད།

47 - 0

Ladakhi Buddhist Teaching LBT
Posted 2 years ago

44 - 0

Ladakhi Buddhist Teaching LBT
Posted 2 years ago

ལོ་འདི་ཟད་ནས་འཆི་བར་ཐག་ཉེ་རུ། །འགྲོ་བ་འདི་ལ་དགའ་བསུ་སུ་ཡིས་བྱེད། །འོན་ཀྱང་ལོ་གསར་འདི་ནང་ནད་མུག་སོགས། །ཞི་བར་སྙིང་ནས་སྨོན་ལམ་ཅིས་མི་འདེབས། །ཞེས་སྨོན་ཏེ། ལ་དྭགས། ཁུ་ནུ། གར་ཞ། དཔལ་དར། པང་གི། ཨ་རུ་ན་ཅལ། གཞན་ཡང་ཤར་པ་དང་ཡོལ་མོ་སོགས། སུ་གིས་ལོ་གསར་རྩི་སྲོལ་ཡོད་ནའང་། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུུའོ།། །།

127 - 2

Ladakhi Buddhist Teaching LBT
Posted 2 years ago

དགུ་ཐུག་མཆོད་ཚར་ས་མ་ཚར། ❓❓❓དགུ་ཐུག་སྐོར་མཁྱེན་འདོད་ཡོད་ན་འདིར་གཟིགས་སང་།
ལོ་རྙིང་པའི་ཟླ་བ་མཐའ་མའི་ཚེས་༢༩ཡི་དགོང་མོ་དགུ་ཐུག་ཅེས་པའི་བག་ཚྭ་རྫས་དགུ་ཚང་བ་ཞིག་སྐོལ་བ་སྟེ་རྫས་དགུ་ནི་ཤ་དང་ཕྱུར་བ། གྲོ་མ། སྔོ་ཚོད། གྲོ། ནས། སྲན། ཚྭབཅས་ཡིན་ཅིང་། དགུ་ཐུག་ཅེས་པ་ཚེས་ཉི་ཤུ་དགུའི་ཐུག་པ་ཡིན་པས་དགུ་ཐུག་ཅེས་དང་རྫས་དགུ་ལྡན་གྱི་ཐུག་པ་ཡིན་པས་ཀྱང་དེ་ལྟར་བརྗོད་པའོ། དགུ་ཐུག་གི་བག་ཚྭའི་ནང་དུ་བག་ཚྭ་གཞན་ལས་ཅུང་ཆེ་ཙམ་གྱི་ཉི་མ་དང་ཟླ་བ་སོགས་དབྱིབས་མི་འདྲ་བ་འགའ་ཞིག་དང་ཡང་དབྱིབས་བག་ཚྭ་གཞན་དང་མཚུངས་པ་ལས་གཞན་ལས་ཅུང་ཆེ་བ་ཁོག་པར་བལ་དང་དཀར་ཡོལ་ཆག་དུམ་སོགས་སྣ་རེ་བླུགས་པའི་བག་ཚྭ་ཡང་ཁག་གཅིག་བཟོས་ཏེ་དགོང་མོ་བག་ཚྭ་དེ་དག་ལས་གང་དང་གང་ཞིག་མི་སུའི་ཕོར་པའི་ནང་ཐོན་པ་དེ་དང་དེའི་རང་གཤིས་དང་སྤྱོད་ལམ་སོགས་མཚོན་པར་ངོས་འཛིན་བྱེད་ཀྱིན་ཡོད་པས་ཐུག་པ་བླུག་མཁན་གྱིས་ཀྱང་ཟ་རུའམ་ཐུག་ཀྱོག་གི་ཐུག་པ་གཅུ་སྐབས་མིག་མ་བལྟས་པར་གཅུས་ནས་བླུགས་ཀྱིན་ཡོད། གོང་གསལ་དབྱིབས་དང་ཁོག་རྫས་མི་འདྲ་བ་སོ་སོའི་མིང་དང་དེ་དག་གི་མཚོན་དོན་བཅས་གཤམ་གསལ། ཁམ་བུ་དོན་ན་མི་ལ་ལོ་གསར་པའི་ནང་ཁམས་བཟང་པོ་ཡོང་བ་དང་། བལ་ཐོན་ན་ངང་རྒྱུད་རིང་བ། སྐུད་པ་ནང་སྒྲིམ་ནི་སེམས་ནང་བཅངས་པ་སྟེ་ནང་ལ་ཤ་ཚ་ཆེ་བ། སྐུད་པ་ཕྱི་སྒྲིམ་ཐོན་ན་བློ་ཕྱི་ལ་གཏད་གྲོད་པ་ནང་ལ་གཏད་པ་ཡིན་ཟེར་བ་དང་། ཆོས་པོ་ཏི་ཐོན་ན་ཡོན་ཏན་ཅན་དུ་གྱུར་བ། ད་མ་རུའི་དབྱིངས་ཅན་ཐོན་ན་མི་དེ་མགོ་བདེ་པོ་ཡིབ་རྟོན་མི་རུང་བ་ཡིན་པ། ཉི་མ་ཐོན་ན་གཟི་བརྗིད་ཆེ་བ། ཟླབ་ནི་གྲགས་དཀར་ཕྱོགས་ཀུན་ཁྱབ་པ། དཀར་ཡོལ་ནི་ལྟོ་ལ་དགའ་བ་ལས་ལ་གཡོལ་བ་ཟེར་བའི་དོན། ཆེ་བ་གཅིག་སྟེང་དུ་ཆུང་བ་ཞིག་སྦྱར་ནས་ཡོད་པ་ནི་ལས་ཆགས་རྒྱབ་ཁུར་༼ན་ལེ་རྒྱབ་ཁུར༽ཞེས་ཕྲུགུཡོང་བར་བཤད་པ། སུར་པན་ནི་ཁ་ཚ་པོ་སྟེ་མི་ལ་ཁ་གཟན་པ། ཟེ་མ་ར་མགོ་ནི་རླུང་ལངས་པོ། ཚྭ་ནི་རྐུབ་ལྗིད་པོའམ་སྒྱིད་ལུག་ཅན། སྒོག་པ་ནི་རྟུག་དྲི་ཚ་པོ། སོལ་བ་ནི་མི་དེ་སེམས་ནག་པོ་ཡིན་པ་བཅས་ཀྱི་ཤོད་སྲོལ་ཡོད། ཚང་མའི་ཕོར་པ་སྟོང་པ་མ་བཟོས་པར་ཟ་འཕྲོ་ཏོག་ཙམ་རེ་བཞག་ནས་ཁོག་མ་ཆག་རོ་ཞིག་གི་ནང་དུ་བླུགས། དེ་ནས་རྩམ་པའི་སྤགས་ལྕི་གཡོས་ཏེ་ནང་མི་ཚང་མས་འཆང་བུ་བཟོས་ནས་རང་རང་གི་མགོ་ནས་རྐང་པའི་བར་རེག་ཙམ་བྱས་ནས་ལོ་གཅིག་རྒྱལ་བའི་དཀྱིལ་འཁོར་ཞག་མ་སུམ་བརྒྱ་དྲུག་བཅུའི་གེགས་དང་བར་ཆད་ཐམས་ཅད་ཁུར་ཅིག ལུས་འདོམས་གང་གྲུ་བཞིའི་ནད་རིགས་བཞི་བརྒྱ་རྩ་བཞི་དག་པར་གྱུར་ཅིག་བཤད་ཅིང་། རང་གི་གོས་ཀྱི་སྤུ་རྐང་རེ་ཙམ་བཏོགས་ནས་འཆང་བུར་བཏབ་ནས་ཐུག་ལྷག་དང་ཕྱགས་བྱས་པའི་དུ་བ་བཅས་མཉམ་དུ་རྫ་ཁོག་ཆག་རོའི་ནང་བླུགས་ནས་སྒོ་རྒྱབ་དུ་བཞག དེ་ནས་ས་སྲིབ་མཚམས་སུ་སྐྱེས་པ་ཞིག་གི་སོག་ཆག་པ་བསྡམས་པ་ཞིག་ལ་མེ་སྤར་ནས་ཁང་པ་ཚང་མའི་ནང་དུ་འཛུལ་ཙམ་བྱས་པ་དང་། ཆབས་གཅིག་གདོན་དང་བགེགས་ཐམས་ཅད་དོན་ཤོག དོན་ཤོག མར་དོན་ཤོག་བརྗོད་པ་ཡིན། དེ་ནི་གདོན་བགེགས་ཕྱིར་འབུད་བྱེད་པའི་དོན་ཡིན། མེ་འཁྱེར་བས་ཁ་ཕྱིར་ལྟས་མ་སློག་པར་ལམ་གསུམ་མདོ་འགག་ཅིག་ཏུ་གཡུགས་དགོས་སོ།

43 - 1

Ladakhi Buddhist Teaching LBT
Posted 2 years ago

63 - 2

Ladakhi Buddhist Teaching LBT
Posted 2 years ago

རྗེ་ཕག་གྲུ་ལ་སྟོད་པ་༧རྒྱལ་དབང་འབྲུག་པ་སྐུ་འཕྲེང་བཞི་པ་པད་མ་དཀར་པོས་མཛད་པ་འདི། ཁོང་གི་འདས་མཆོད་ཉིན་ཐེང་རེར་འདོན་ན་མཛད།🙏🙏🙏🌻🌻🌻🍀🍀🍀🌸🌸🌸🏵🏵🏵🌺🌺🌺🌼🌼🌼🥀🥀🥀🌿🌿🌿🌹🌹🌹🌷🌷🌷💐💐💐💠💠💠

50 - 1

Ladakhi Buddhist Teaching LBT
Posted 2 years ago

ཕག་གྲུའི་ལྔ་མཆོད་དང་འབྲེལ་བའི་ཕག་གྲུའི་སྐུ་གཤེཊ་པའི་དུས་ཚོད།

གངས་རིའི་ལྗོངས་སུ་མཁས་དང་གྲུབ་པའི་དབང་ཕྱུག་དཔལ་ཕག་མོ་གྲུ་པ་རིན་པོ་ཆེ་སྐུ་གཤེགས་པའི་དུས་ཚོད་ལ་སྔོན་གྱི་ལོ་རྒྱུས་རྣམས་སུ་མི་མཐུན་པ་དུ་མ་བྱུང་བ་རྣམས་འདིར་གསལ་བར་འགོད་པ་ལ།
༡དཔལ་ལྡན་སྟག་ལུང་ཐང་པ་ཆེན་པོའི་བཀའ་འབུམ་བསམ་འཕེལ་ཡིད་བཞིན་གྱི་ནོར་བུ་ལས་མཆོག་ཏུ་ཡིད་ཆེས་པར་བྱེད་པ་ངོ་མཚར་ལོ་རྒྱུས་ཀྱི་སྡེ་སྐལ་འཇུག་ངོགས་ལས་དྲུག་ཅུ་རྩ་གཅིག་གི་སྟོན་ཟླ་ཐ་ཆུང་ཚེས་བརྒྱད་ལ་བསྙུང་ནད་ཀྱིས་བཏབ། ཉི་ཤུ་ལྔའི་སྔ་དྲོ་འདས་པའི་ཚུལ་བསྟན་པ་ལ་འཇའ་དང་འོད་དང་སྒྲ་ལ་སོགས་པ་དཔག་ཏུ་མེད་པ་མཐུན་སྣང་བྱུང་། ཞེས་སྟོན་ཟླ་ཐ་ཆུང་འདི་ཟླ་བ་དགུ་པ་དང་བཅུ་པར་འདོད་ཚུལ་གཉིས་བྱུང་ཡོད། འདིར་སྟག་ལུང་ངག་དབང་རྣམ་རྒྱལ་གྱིས་ཟླ་བ་བཅུ་པ་ཡིན་པར་བྱས་ཡོད།

༢དཔལ་ཆེན་ཆོས་ཀྱི་ཡེ་ཤེས་ཀྱིས་མཛད་པའི་ཕག་གྲུའི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་གཟི་བརྗིད་འབར་བའི་སྒྲོལ་མ་ལས། དེ་ནས་རྗེ་སྒམ་པོ་པའི་འདས་མཆོད་ཐོན་པ་དང་། གྲྭ་པ་དོན་གཉེར་ལ་འགྲོ་འདོད་པའི་ངོ་བྲང་མང་པོ་དང་འཇལ་འདོད་ལ་ཆོས་གནང་བས། ནས། ཟླ་བ་དེའི་ངོ་དང་ཕྱི་མའི་ཉ་ཚུན་ཆོད་ལ་གཞན་གྱི་ཆོས་དང་ཁྲིད་མང་དུ་མཛད། ནས། ལོ་ནི་ལྕགས་ཕོ་སྟག་གི་ལོ། ཐ་སྐར་དབྱུག་གུའི་བཅུ་བདུན་ལ། སྐུ་བསྙུང་བའི་ཚུལ་བསྟན་ཏེ། ཉི་ཤུའི་ཉིན་པར་ཀ་ཆ་ཐམས་ཅད་སྤོང་ཐག་མཛད། ནས། ཉི་ཤུ་ལྔའི་སྔ་དྲོ་ལ་སྐུ་ཡལ་ལོ།། ཞེས་ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་གང་རུང་དུ་ཁ་ཚོན་ཆོད་དཀའ་བ་ལྟ་བུ་ཡོད་མོད། འོན་ཀྱང་ཐ་སྐར་རམ་དབྱུག་གུའི་ཟླ་བ་ནི་ཟླ་བ་དགུ་པ་ལ་འདོད་དགོས།

༣ཕག་གྲུའི་སྤྱན་སྔ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་བཀའ་བརྒྱུད་ཆོས་འབྱུང་མིག་འབྱེད་འོད་སྟོང་ལས། འགྲོ་མགོན་རིན་པོ་ཆེ་དེ་ནི་ལྕགས་ཕོ་སྟག་གི་ལོ་དྲུག་ཅུ་རྩ་གཉིས་པ། ཧོར་ཟླ་བདུན་པའི་ཉེར་ལྔ་ལ་མངོན་པར་དགའ་བའི་ཞིང་དུ་གཤེགས་སོ།། ཞེས་ཟླ་བ་བདུན་པར་བཞེད།

༤ཚལ་པའི་དེབ་དམར་ལས། དགུང་ལོ་དྲུག་ཅུ་རྩ་གཅིག་གི་རྟ་ལོ་སྟོན་ཟླ་ཐ་ཆུང་ལ་མྱ་ངན་ལས་འདས། ཞེས་སྟོན་ཟླ་ཐ་ཆུང་འདི་ཟླ་བ་དགུ་པ་དང་བཅུ་པར་འདོད་ཚུལ་གཉིས་བྱུང་ཡོད། འདི་ནི་ཟླ་བ་དགུ་པར་འདོད་དགོས་པ་འདྲའོ།།

༥འགོས་ལོའི་དེབ་སྔོན་ལས། དེ་ལྟ་བུའི་སྟོན་པ་གཉིས་པ་དེ་ནི་ལྕགས་ཕོ་སྟག་གི་ཟླ་བ་བདུན་པའི་ཉེར་ལྔ་ལ་སྤྲུལ་པའི་སྐུ་བསྡུ་བ་མཛད། ཅེས་ཟླ་བ་བདུན་པར་གསུངས།

༦གཙུག་ཕྲེང་ཆོས་འབྱུང་ལས། མདོར་ན་སྐལ་ལྡན་མཐའ་ཡས་ཚེགས་ཆུང་ངུས་གྲོལ་བར་མཛད་ཅིང་ཕག་མོ་གྲུར་ལོ་བཅུ་གསུམ་བཞུགས་ནས་ལྕགས་ཕོ་སྟག་གི་ལོ་ཟླ་བ་བདུན་པའི་ཉེར་ལྔའི་སྔ་དྲོ་ལ་མྱ་ངན་འདས་ཏེ་ངོ་མཚར་གྱི་ལྟས་མང་དུ་བྱུང་ངོ་།། ཞེས་ཟླ་བ་བདུན་པར་གསུངས།

༧སྟག་ལུང་ཆོས་འབྱུང་ལས། མཐར་ཉིད་ཀྱི་དགུང་ལོ་དྲུག་ཅུ་རྩ་གཅིག་པ་སྟག་ལོའི་སྨིན་དྲུག་ཟླ་བ་ཉི་ཤུ་ལྔ་ལ་ཁོ་བོ་འདི་ནས་ཤར་ཕྱོགས་སུ་རྡུལ་དང་བྲལ་བའི་ཞིང་དུ་སངས་རྒྱས་མི་བསྐྱོད་རྒྱལ་པོ་སྨན་གྱི་བླའི་དྲུང་ན་བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་གྱིས། དེར་གསོལ་བ་ཐོབ་ཅིག་གསུངས་ཏེ་མྱ་ངན་ལས་འདས། ཞེས་ཟླ་བ་བཅུ་པར་བཞེད།

༨འབྲི་གུང་གདན་རབས་གསེར་ཕྲེང་ལས། དགུང་ལོ་དྲུག་ཅུ་རེ་གཅིག་ལྕགས་ཕོ་སྟག་གི་ལོ། རྒྱུ་སྐར་གྱི་རྒྱལ་པོ་གདུ་བུའི་ཉེར་ལྔའི་ནང་པར་ཚོགས་ཀྱི་དཀྱིལ་འཁོར་དུ་བྱོན་ནས། གཙུག་ལག་གཉིས་ཀྱི་སྒོ་ནས་དད་པ་དང་ལྡན་པ་རྣམས་ལ་ཞལ་གནང་ཞིང་། སྔ་དྲོའི་ཆ་ལ་མཛད་པའི་ཐ་མར་བསྟན་པར་གྱུར་ཏོ།། ཞེས་གདུ་བུའི་ཟླ་བ་ནི་ཟླ་བ་བརྒྱད་པ་ཡིན་པ་མཁས་དབང་ར་སེ་དཀོན་མཆོག་རྒྱལ་མཚན་ཀྱིས་གསུངས།

༩ལྷོ་རོང་དཔོན་ཚང་ཚེ་དབང་རྒྱལ་གྱི་ཆོས་འབྱུང་ལས། དགུང་ལོ་དྲུག་ཅུ་རྩ་གཅིག་ལྕགས་ཕོ་སྟག་གི་ལོ་ཟླ་བ་བདུན་པའི་ཚེས་བཅུ་བདུན་ལ་བསྙུང་བའི་ཚུལ་བསྟན། ཉི་ཤུ་ལ་ཀ་ཅ་ཐམས་ཅད་བཀྱེས། ནས། ཉེར་ལྔའི་སྔ་དྲོ་ཚོགས་སུ་བྱོན། གྲྭ་པ་ཀུན་ལ་ཆོས་གསུངས། ནས། དེ་ནས་གཟིགས་མལ་དུ་ཕེབས། ཆོས་རྣམས་ཐམས་ཅད་གཉིས་སུ་མེད།། གཉིས་མེད་དེ་ཡང་རྣམ་པར་དག ། ཅེས་གསུངས་ནས་མྱ་ངན་ལས་འདས་སོ།། ཞེས་ཟླ་བ་བདུན་པར་བཞེད།

༡༠འབྲུག་རྒྱལ་དབང་རྗེའི་དཀར་བརྒྱུད་ཆོས་འབྱུང་ལས། དེ་ལྟར་འགྲོ་མགོན་རིན་པོ་ཆེ་ཕག་མོ་གྲུ་པ་ནི། ལྕགས་ཕོ་སྟག་གི་ལོ་དྲུག་ཅུ་རྩ་གཅིག་པ་ཧོར་ཟླ་བདུན་པའི་ཉེར་ལྔ་ལ་མངོན་པར་དགའ་བའི་ཞིང་དུ་གཤེགས་སོ།། ཞེས་ཟླ་བ་བདུན་པར་གསུངས།

༡༡ས་སྐྱའི་མང་ཐོས་ཀླུ་སྒྲུབ་ཀྱི་བསྟན་རྩིས་ལས། རེ་གཅིག་པ་ལྕགས་ཕོ་སྟག་ཟླ་བ་བདུན་པའི་ཉེར་ལྔ་ལ་གཤེགས་སོ།། ཞེས་ཟླ་བ་བདུན་པ་ལ་བཤད་འདུག །

༡༢སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོའི་གདམས་ངག་བཀའ་རྒྱ་ཅན་ལྔ་ཡི་བླ་མ་བརྒྱུད་པའི་རྣམ་ཐར་ལས། མཐར་དགུང་དྲུག་ཅུ་རེ་གཅིག་བཞེས་པའི་ལྕགས་སྟག་ཐ་སྐར་ཟླ་བའི་ཉེར་ལྔའི་ཉིན། ཁོ་བོ་འདི་ནས་ཤར་ཕྱོགས་རྡུལ་བྲལ་གྱི་ཞིང་ཁམས་སུ་འགྲོ་བ་ཡིན་གྱིས། དེར་གསོལ་བ་ཐོབ་གསུངས་ཏེ་མྱ་ངན་ལས་འདས་ལས་འདས་སོ།། ཞེས་ཟླ་བ་དགུ་པར་བཞེད་ཡོད།

༡༣མཁས་དབང་ར་སེ་དཀོན་རྒྱལ་པའི་འབྲི་གུང་ཆོས་འབྱུང་དུ་དགོང་གྲངས་རེ་གཅིག་དང་ཉེར་ལྔ་ལ་གཤེགས་པ་ཙམ་ལས་གཞན་ལོ་ཟླ་དམིགས་གསལ་དུ་བསྟན་མི་འདུག་མོད། འོན་ཀྱང་ཁོང་གིས་མཛད་པའི་འགྲོ་མགོན་ཕག་མོ་གྲུ་པའི་འདས་མཆོད་གང་ཡིན་ལ་དཔྱད་པ་ལས། དེས་ན་དྲུག་པའི་བཅོ་ལྔ་ལ་རྗེ་སྒམ་པོ་པའི་འདས་མཆོད་གནང་བ་དང་། ཟླ་བ་དྲུག་པ་དང་ཟླ་བ་ཕྱི་མ་བདུན་པའི་ཉ་སྟེ་བཅོ་ལྔའི་ཚུན་ལ་གཞན་ལ་ཁྲིད་ཆོས་མང་དུ་མཛད་པ་གསལ་བས། སྐུ་གཤེགས་དུས་ཟླ་བ་བདུན་པའི་ཉེར་ལྔ་ཡིན་པ་གསལ་ཡོད། ཅེས་མཐའ་སྡོམ་གྱི་ནང་དུ་ཟླ་བ་བདུན་པ་ལ་མཛད་འདུག །

༡༤མཁན་འཕྲིན་དགའི་འབྲུག་པའི་ཆོས་འབྱུང་ལས། རེ་གཅིག་པ་ལྕགས་སྟག་༼༡༡༧༠༽ལོའི་དབྱུག་པ་ཟླ་བའི་ཉེར་ལྔ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚེ། སྐུ་གདུང་གིས་ཞབས་རྗེས་དང༌། སྤུར་ཁང་གི་ཕྱོགས་བཞི་དབུས་དང་ལྔར་རྒྱལ་བ་རིགས་ལྔ་བཞུགས་པར་སྣང་བ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང་ངོ༌། །ཞེས་ཟླ་བ་དགུ་པར་བཤད་དོ།།

ད་དུང་གོང་ལྟར་དུ་འདོད་ཚུལ་མཐུན་མི་མཐུན་ཅི་རིགས་ཀྱི་ལོ་རྒྱུས་ཀྱི་ཡི་གེ་གཞན་ཡོད་མི་སྲིད་པ་མ་ཡིན་ནོ།། གོང་གི་འདོད་ཚུལ་ནང་དུ་ཟླ་བ་བདུན་པའི་ནང་དུ་གཤེགས་ཚུལ་བདུན་དང་། ཟླ་བ་བརྒྱད་པ་གཅིག །ཟླ་བ་དགུ་པ་བཞི། ཟླ་བ་བཅུ་པའི་ནང་དུ་གཤེགས་ཚུལ་གཅིག་ཙམ་གྱི་བཞེད་ཚུལ་རྣམས་བྱུང་ཡོད། དེང་སྐབས་ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ཉིན་ཕག་གྲུ་ལྔ་མཆོད་བྱེད་སྟངས་འདི་ནི་དཔལ་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་སོཊ་ཀྱིས་བཞེད་ཚུལ་ཞིག་རེད་འདུག་གོ ། ཚང་མས་ཐུགས་ལ་དེ་ལྟར་དུ་ངེས་པར་མཛོད་ཅིག །

89 - 2

Ladakhi Buddhist Teaching LBT
Posted 2 years ago

དམིགས་བརྩེ་མའི་འགྲེལ་བ་ཉུང་ཙམ་འགོད་པ།

 དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
 དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །
  བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
      གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །
    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
 
          ཞེས་གསུངས་པ་འདི་ནི་རྗེ་རེད་མདའ་བས་རང་གི་སློབ་བུ་ཁམས་གསུམ་བླ་མ་རྗེ་བློ་བཟང་གྲགས་པ་ལ་བསྟོད་པའི་སྒོ་ནས་གསུངས་པ་ཡིན། གསུངས་པའི་ཡུལ་ནི་རྭ་སྒྲེང་དགོན་ཞེས་པ་དེ་ཡིན། སྐབས་སུ་བབས་པའི་བཤད་བྱ་ནི། དམིགས་བརྩེ་མའི་འགྲེལ་བ་ཡིན། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དེ་རིགས་གསུམ་དུ་འདུ་ལ། རིགས་དང་པོ་ནི་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་ཡིན་ལ། དེའི་དོན་ནི་སེམས་ཅན་ཡོད་དོ་ཅོག་དང་དབུགས་ཐོག་ཐམས་ཅད་རིས་སུ་མ་ཆད་པར་དམིགས་ནས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དེ་དག་ཐུགས་ལ་ཤར་ནས་བཟོད་མི་ཐུབ་པའི་བརྩེ་བའམ་སྙིང་རྗེ་ཆེན་པོ་རྒྱུད་ལྡན་གྱི་གང་ཟག་དེ་དག་ནི་རྒྱལ་བ་སྲས་དང་བཅས་པ་ཡིན་ལ། མཁྱེན་བརྩེ་ནུས་གསུམ་གྱི་ནང་གི་བརྩེ་བའོ། ། དེས་ན་བརྩེ་བ་སྙིང་རྗེ་ཆེན་པོ་ཡོད་ན་སེམས་ཅན་གྱི་དོན་བྱེད་ཐུབ་བམ་ཞེ་ན། མིན་ཏེ། སེམས་ཅན་གྱི་དོན་བྱེད་ན་བྱེད་ཚུལ་དེ་ཤེས་དགོས་པ་རེད།དེའི་ཕྱིར། བྱེད་ཚུལ་ཇི་ལྟར་ཤེས་ཤེ་ན། རིགས་གཉིས་པ་ནི་དྲི་མ་མེད་པའི་མཁྱེན་པ་དེ་ཡོད་དགོས། མཁྱེན་པ་ཞེས་པ་རྣམ་དཔྱོད་ཀྱི་མིང་ངོ་། ། རང་ཉིད་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་ཕྱིར། སེམས་ཅན་དེ་དག་ལེགས་པའི་ལམ་དུ་ཁྲིད་པ་དང་ཐར་ལམ་ཡང་དག་པར་བསྟན་ནས། བླང་དོར་གྱི་རྣམ་དབྱེ་དེ་གསལ་བར་བསྟན་དགོས་སོ། ། དྲི་མ་མེད་པ་ཞེས་པའི་དོན་ནི། རང་ཉིད་ཀྱི་གང་ཞིག་མཁྱེན་པ་དེ་དྲི་མས་མ་གོས་པ།གཙང་མ་ཡིན་པའི་དོན་ནོ། །དེ་ནི་མཁྱེན་བརྩེ་ནུས་གསུམ་གྱི་ནང་གི་མཁྱེན་པའོ། ། དེ་བདེན་རུ་ཆུག་ཀྱང་། འོ་ན་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་ཡང་ཡོད། དྲི་མ་མེད་པའི་མཁྱེན་པའམ་ཤེས་རབ་དེ་གཉིས་ཡོད་ན་ད་བཟོད་སེམས་ཅན་གྱི་དོན་བྱེད་ཐུབ་བམ་ཞེ་ན། ཡང་མིན་ཏེ། རང་ཉིད་ཀྱིས་བྱ་བ་རླབས་ཆེན་བསྒྲུབ་པ་སོགས་ལ་བར་ཆད་ཀྱི་གེགས་ཡོང་པ་རེད། བར་ཆད་དེ་དག་བཟློག་པ་ལ་རང་གི་ནུས་པའམ་སྟོབས་ཤུགས་ཀྱིས་བཟློག་འགྲོ་བ་ཡིན་པས།མཁྱེན་བརྩེ་ནུས་གསུམ་ནང་གི་ནུས་པ་དེ་ཡོད་དགོས་པ་རེད། བདུད་དཔུང་མ་ལུས་འཇོམས་མཛད་ཅེས་གསུངས། འཇོམས་མཛད་ཅེས་པ་ནུས་པའི་དོན་ནོ། ། འདི་ནི་རིགས་གསུམ་པའོ། ། དེས་ན་དམིགས་པ་མེད་པའི་བརྩེ་བ་སྙིང་རྗེ་ཆེན་པོ་དང་དྲི་མ་མེད་པའི་མཁྱེན་པ་བདུད་ཐམས་ཅད་མི་མཐུན་པའི་གཡུལ་ལས་རྒྱལ་བར་བྱེད་པའི་ནུས་པ་ཡོད་པ་ཅན་དེ་སུ་རེད་དམ་ཞེས་འདྲི་ན། གངས་ཅན་མཁས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་བ། རྗེ་བླ་མ་བློ་བཟང་གྲགས་པ་ཡིན་པའི་དེའི་ཞབས་ལ་ཕྱག་འཚལ་བའམ་དེ་ལ་གསོལ་བ་འདེབས་པའོ། ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་དེ་དག་བློ་བཟང་གྲགས་པ་ལ་འདུའོ། ། དམིགས་པ་མེད་པའི་རྩེ་བ་སྙིང་རྗེ་ཅན་དེ་གང་རེད་ཅེས་ན། འཕགས་པ་སྤྱན་རས་གཟིགས་སོ། ། ཞེས་རྐང་པ་དང་པོ་བྱུང་། དྲི་མ་མེད་པའི་མཁྱེན་པའམ་ཤེས་རབ་ཅན་དེ་གང་ཡིན་ཞེ་ན། རྗེ་བཙུན་འཇམ་པའི་དབྱངས་སོ། ། ཞེས་རྐང་པ་གཉིས་པ་བྱུང་། བདུད་ཐམས་ཅད་ཕམ་པར་བྱེད་པའམ་འཛོམས་པར་བྱེད་མཁན་དེ་གང་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་རེད། ཅེས་རྐང་པ་གསུམ་པ་བྱུང་།གང་ཟག་དེ་དག་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་རང་གཟུགས་ཤར་བའི་བདག་ཉིད་ཅན་ནོ། ། འོ་ན་དེ་གསུམ་གྱི་མཁྱེན་བརྩེ་ནུས་གསུམ་གྱི་རང་གཟུགས་ཤར་བའི་བདག་ཉིད་ཅན་དེ་དགེ་སློང་དམར་སེར་ཅན་རྗེ་བླ་མ་བློ་བཟང་གྲགས་པ་རེད་དོ། ། གོང་གི་དེ་དག་ཡོན་ཏན་ཤར་བའི་སྒོ་ནས་རང་གིས་དམིགས་བརྩེ་མ་ཁ་འདོན་བྱེད་ན་ཕན་པ་ཆེན་པོ་ཡོད་དོ། ། ད་དུང་སྤྱན་རས་གཟིགས་ཀྱི་སྐུའི་ཁ་དོག་དཀར་པོ་ཡིན་པ་དང་།འཇམ་དབྱངས་ཀྱི་སྐུའི་ཁ་དོག་དམར་སེར་ཡིན་པ། ཕྱག་ན་རྡོ་རྗེ་ཡི་སྐུའི་ཁ་དོག་ནག་པོ་ཡིན་པ་མཚོན་བྱེད་མང་པོ་ཡོད་དོ། །བདག་ལ་ཁོམ་ལོང་ཅུང་མེད་པས་མ་བྲིས་སོ། །

163 - 1